རྙིང་རྗེ་མོ་ལགས། LYRICS OF NEW LATEST SONG OF TSERING GURMEY

རྙིང་རྗེ་མོ་ལགས།

རོལ་དབྱངས།

མཛོ་མོ་ལ་སྤང་གི་སྟེང་ལ་སྙིང་རྗེ་མོ་ལ།       མཛོ་མོ་སྤུ་སྐྲ་ཡག་ག།
འདི་འདྲའི་མཛོ་མོ་ཡག་ག།    སྙིང་རྗེ་མོ་ལ་དཀར་ཆུང་མ་ཡག་ག།
དཀར་ཡོལ་ལ་དཀར་སང་ནང་ལ།     སྙིང་རྗེ་མོ་ལ་གསེར་གྱི་འོ་མ་བླུག་ཡོད།
ཡིད་འཕྲོག་ལྷ་མོ་ཁྱེད་ཀྱི་སྙིང་རྗེ་མོ་ལ། འོ་ཕུད་བཞས་རོག་གནང་དང།
ཧེ།་་་་  ཧེ་ཧེ་་་ཨེ་་་་་  ཧེ་་་་་་
ཧོ་་ཧོ་་་ཨོ་་ཧོ་་་་་   ཧོོ།་་་་་་་་་
དགའ་ལྡན་ལ་དབང་པོའི་རི་ལ་སྙིང་རྗེ་མོ་ལ།  དར་ཅོག་བརྩུགས་རྒྱུ་བྱུང་ན།
(དར་ཤིང་ཀོང་པོའི་རོང་ནས་སྙིང་རྗེ་མོ་ལ།    འདྲེན་དགོས་བྱུང་ནས་དྲག་ག།)-༢

རོལ་ཆ།

རྒྱ་གར་ལ་ཤར་གྱི་རི་ལ་སྙིང་རྗེ་མོ་ལ། རྨ་བྱ་མང་པོ་འདུག་ཏེ།
རྒྱལ་པོའི་དབུ་རྟོག་སྙན་པས་སྙིང་རྗེ་མོ་ལ།    རྨ་བྱ་གཅིག་ལས་མིན་འདུག།
སྐར་མ་ལ་བརྒྱ་ཡི་དཀྱིལ་ནས་སྙིང་རྗེ་མོ་ལ།   པ་སངས་འདྲ་བ་མིན་འདུག།
བུ་མོ་ལ་བརྒྱ་ཡི་དཀྱིལ་ནས་སྙིང་རྗེ་མོ་ལ།     ཁྱེད་རང་འདྲ་བ་མིན་འདུག།

ཧེ།་་་་  ཧེ་ཧེ་་་ཨེ་་་་་  ཧེ་་་་་་
ཧོ་་ཧོ་་་ཨོ་་ཧོ་་་་་   ཧོོ།་་་་་་་་་

པད་མའི་ལ་ལྡུམ་རའི་ནང་ནས་སྙིང་རྗེ་མོ་ལ།  མཛེས་མས་གླུ་དབྱངས་ལེན་གྱིས།
གླུ་དབྱངས་སྙན་རང་དྲག་ནས་སྙིང་རྗེ་མོ་ལ།   མ་སྙན་རང་ཉན་ཐུག་སོང།