སྐྱབས་སུ་ཆེ།
ང་ཚོ་བོད་མི་ཡོངས་ཀྱི་ཆེད་དུ།
ཉིན་མཚནམེད་པ་སྐུ་ངལ་བསྐྱོན་མཁན།
ང་ཡི་རྩ་བའི་བླ་མ་ཡིན།
༧རྒྱལ་བ་ཁྱེད་ཁ་བའི་ལྗོངས་ལ་ཕེབས་པ་ནས།
ང་ཚོའི་བོད་ལ་བྱིན་གྱིས་རླབས་པར་གནང་།
ང་ཡི་རྩ་བའི་བླ་མ་ཡིན།
ཁྱེད་ཀྱིས་བྱམས་དང་བརྩེ་བས།
རྟག་ཏུ་ང་ཚོའི་དོན་ལ་གཤིགས།
རྒྱལ་བ་ཁྱེད་ཐུགས་སེམས་སྐྱོ་བ་མ་གནང་།
ཁྱེད་ཀྱིས་བཀའ་སློབ།
ཁྱེད་ཀྱི་བྱམས་སྐྱོང་།
ཁྱེད་ཀྱི་བཀའ་དྲིན།
ཚང་མ་ང་ཚོའི་སྙིང་ལ་བཅངས་ཡོད།
སྐྱབས་སུ་མཆི་ང་ཡི་རྩ་བའི་བླ་མ།
སྐྱབས་སུ་མཆི་༧རྒྱལ་བ་ཡིད་བཞིན་ནོར་བུ།
ཁྱེད་ང་ཚོ་བོད་མིའི་སྲོག་རྩ་ཡིན།
བུ་ང་བསོད་ནམས་ཆུང་བའི་རྐྱེན་གྱིས།
རྒྱལ་བ་པཎ་ཆེན་མཇལ་གྱི་མི་འདུག
ང་ཡི་རྩ་བའི་བླ་མ།
ནམ་མཁའི་དཀོན་མཆོག་གསུམ་གྱིས་གཟིགས་དང་།
ཐུགས་བསམ་ཆུང་སྲིད་ཁོང་ལ་བཞེས་དང་།
ང་ཡི་རྩ་བའི་བླ་མ་ཡིན།
མྱུར་དུ་མཉམ་འཛོམས་ཡོང་བའི།
རྟག་ཏུ་བུ་ངས་སྨོན་ལམ་བརྒྱབ།
རྒྱལ་བ་ཁྱེད་ཐུགས་སེམས་སྐྱོ་བ་མ་གནང་།