LYRICS OF KARMAPA KHENNO BY TENZIN DAWA TSONA




༸ཀརྨ་པ་མཁྱེན་ནོ་། 


བོད་ཀྱི་ཤར་ཕྱོགས་ལྷ་སྟོག་འབྲོག་པའི་ཁྱིམ་ཚང་ནང་དུ་འཁྱུངས་པའི་བླ་མ་།
༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་ཡང་སྲིད་།
བོད་ཀྱི་ཤིང་གླང་ལོའི་སྤྱིན་ཟླ་དྲུག་པའི་ཚེས་ཉི་ཤུ་རྩ་དྲུག་བརྒྱད་བཅུ་བརྒྱད་ལྔ་ལོར་ཁམས་ཕྱོགས་སུ་སྐུ་འཁྲུངས་།
ཡབ་ཀྱི་མཆན་ལ་སྐར་མ་དོན་སྒྲུབས་བཀྲིས་དང་ཡུམ་གྱི་མཚན་ལ་མ་ལོ་དགའ་།
གུང་ལོ་བདུན་བརྒྱད་ཕེབས་པའི་སྐབས་ལ་།
ཡང་སྲིད་ངོས་འཛིན་བྱེད་ནས་ཆོས་མིང་དབུ་རྒྱན་འཕྲིན་ལས་རྡོ་རྗེ་ཐོབ་།
གུང་ལོ་ཆུང་ཡང་འགན་འཁུར་མང་ཞིང་།
ང་ཡི་ལུས་ངག་ཡིད་གསུམ་ཐོག་ནས་ཁྱེད་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུ་།

༼༸ཨ་པོ་དགའ་དགའ་།  ང་ཡི་བླ་མ་།
༸དབུ་རྒྱན་འཕྲིན་ལས་རྡོ་རྗེ་།  ང་ཡི་སྲུང་མ་།
ང་ཡི་བླ་མ་།  ང་ཡི་སྲུང་མ་།
༸རྒྱལ་བ་ཀརྨ་པ་མཁྱེན་ནོ་། ༽-༢

ཨ་པོ་དགའ་དགའ་། མ་འཁྲུངས་གོང་ལ་ཡུམ་གྱི་རྨི་ལམ་ནང་ལ་ཁྲུང་ཁྲུང་དཀར་མོ་གསུམ་།
ཁྲུང་ཁྲུང་དཀར་མོ་གཅིག་གི་སྐེ་ལ་ཡེ་གེ་དང་གཞན་གྱི་ཕོར་པའི་ནང་ལ་ཞོ་འཁྱེར་ནས་སླེབས་།
དེ་ནས་ཁྲུང་ཁྲུང་དཀར་མོས་བརྗོད་དོ་།
ཡི་གེ་འདི་གསང་བའི་ཡི་གེ་ཡིན་པ་མ་ཟད་ཨ་པོ་དགའ་དགའ་ངོས་འཛིན་བྱེད་པའི་ཡི་གེ་རེད་།
མ་ཡུམ་ལོ་དགའ་ཡི་བཀའ་འདྲི་ཞུས་པས་།  ཁྲུང་ཁྲུང་དཀར་མོ་ཁྱེད་ཚོ་སུ་ཡི་གཏོང་སོང་།
ཁྲུང་ཁྲུང་དཀར་མོ་གསུམ་གྱི་ལན་རྒྱབས་།  ང་ཚོ་གུ་རུ་རིན་པོ་ཆེ་ཡི་གཏོང་སོང་།
དེ་དང་དེ་འདྲ་བའི་ཡ་མཚན་དང་དམིགས་བསལ་གྱི་རྟགས་དང་རྟེན་འབྲེལ་ཁོང་མ་འཁྲུངས་གོང་ལ་སྟོན་།
སྐུ་འཕྲེང་བཅུ་དྲུག་པས་ཕྱག་ཡིག་བཞག་པ་འདིའི་ནང་ལ་བཀོད་པ་ནང་བཞིན་༸ཀ་རྨ་པ་ངོས་འཛིན་བྱེད་ཐུབ་པ་བྱུང་།
༼༸ཨ་པོ་དགའ་དགའ་།  ང་ཡི་བླ་མ་།
༸དབུ་རྒྱན་འཕྲིན་ལས་རྡོ་རྗེ་།  ང་ཡི་སྲུང་མ་།
ང་ཡི་བླ་མ་།  ང་ཡི་སྲུང་མ་།
༸རྒྱལ་བ་ཀརྨ་པ་མཁྱེན་ནོ་། ༽-༢

ཕྱི་ལོ་ ༢༠༠༠ དང་པོའི་ཚེས་ལྔ་ ༸རྒྱལ་བ་ཀརྨ་པ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་།
ནང་པ་སངས་རྒྱས་པའི་ཆོས་འདི་སུང་སྐྱོབས་ཆེད་དུ་རང་ཉིད་ཁྱིམ་ཚང་བློད་གཏོང་གནང་།
ཆུང་དུས་ནས་ཚིགས་བཅད་དང་རྩོམ་ཡིག་ལ་དགའ་།
དེ་མིན་གྱི་དབྱིངས་ཡོད་པའི་གླུ་དང་རི་མོ་།
དུས་རྒུན་ནས་གཞས་ཚིག་དང་སྙན་ངག་རིགས་རྩོམས་།  ང་ཡི་བླ་མ་ཁྱེད་ནི་ཡོང་སུ་བསྒྲུབས་པ་།
སྒྱུ་རྩལ་ལ་དབྱིངས་དང་རོལ་བྱ་ལ་དོ་སྣང་།
ཆོས་ཙམ་དུ་མ་ཟད་བཟོ་རིག་པ་ཡང་ཤེས་།
ལས་འགན་མང་ཞིང་འགན་འཁུར་ཆེ་  ཁྱད་དུ་འཕགས་པ་ང་ཡི་བླ་མ་ཁྱེད་ཡིན་།
མཁྱེན་ནོ་མཁྱེན་ནོ་ང་ཡི་༸ཀརྨ་པ་མཁྱེན་ནོ་།  བཀའ་བརྒྱུད་བསྟན་པའི་སྲོག་བཞིན་་མཁྱེན་ནོ་།
མཁྱེན་ནོ་མཁྱེན་ནོ་ང་ཡི་༸ཀརྨ་པ་མཁྱེན་ནོ་།  སྐུ་ཚེ་ཡུན་རིང་གནས་པས་ང་ཡི་སྨོན་ལམ་།

༼༸ཨ་པོ་དགའ་དགའ་།  ང་ཡི་བླ་མ་།
༸དབུ་རྒྱན་འཕྲིན་ལས་རྡོ་རྗེ་།  ང་ཡི་སྲུང་མ་།
ང་ཡི་བླ་མ་།  ང་ཡི་སྲུང་མ་།
༸རྒྱལ་བ་ཀརྨ་པ་མཁྱེན་ནོ་། ༽-༢

RIWO HIMALAYA LYRICS/ PHODRANG POTALA RU KHA CHOE NYAM DHU SHUE CHOK




ཕོ་བྲང་པོ་ཏ་ལ་རུ་བཀའ་ཆོས་མཉམ་དུ་ཞུས་མཆོག།

{རི་བོ་ཧི་མ་ལ་ཡ་།
གངས་དཀར་ཤལ་ཀྱི་མཆོད་རྟེན་།
ཉིན་ཚན་ཆར་རླང་ དྲག་པོའི་།
མར་མེ་བརྟེན་དུ་བཞུགས་ན་།
གང་ལ་འཁོར་བའི་སྤྲིན་དཀར་།
མགྱོགས་ནས་མྱུར་དུ་ལེབ་ཡོངས་།
གང་ལ་འཁོར་བའི་སྤྲིན་དཀར་།
མགྱོགས་ནས་མྱུར་དུ་ལེབ་ཡོངས་།}-༢

ཆུ་མོ་ཡར་རླུང་གཙང་པོ་།
དྭངས་གཙང་ཟིལ་མ་ཆུ་ཡང་།
{སྐྱིད་ཆུ་གྲོ་སུ་ཆུ་མིག་།
ཡར་རླུང་གཙང་པོ་རླུང་གཙང་པོ་དྲན་བྱུང།} -༢

{རང་ཡུལ་ཕྱོག་ལ་བཞུགས་པའི་བོད་མི་རྒན་གཞོན་ཚང་མའི།
རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་གནང་ན་།
བཙན་བྱོལ་གཞུང་ལ་གནས་པའི་བོད་མེ་རྒན་གཞོན་ཚང་མའི་།
དམངས་གཙོས་གསོལ་བཟང་ཁྱེར་ནས་།
མགྱོགས་ནས་མྱུར་དུ་ལོག་ཆོག་།} -༢

ཕྱི་ནང་་་་་་    ཕྱི་ནང་བོད་མི་ཀུན་གྱི་།
ཐབས་མཁས་དུ་མ་སྟོན་ན་།
{ཕོ་བྲང་པོ་ཏ་ལ་རུ་བཀའ་ཆོས་མཉམ་དུ་ཞུས་ཆོག།
ཕོ་བྲང་ནོར་བུ་གླིང་གར་ཞོ་སྟོན་མཉམ་དུ་བཏང་མཆོག།།} -༢