Showing posts with label POPULAR SONGS. Show all posts
Showing posts with label POPULAR SONGS. Show all posts

LYRICS OF TIBETAN SONG NORBU SUNG DHANG LAE MO SO SOE


ནོར་བུ།

 གསུང་དང་ལས་མོ་སོ་།
ལྷ་ས་ནོར་བུ་གླིང་ལ་། སོ་ཡ་ལ་་་
ནོར་བུ་མི་འདུག་མ་ལ་གསུང་།
སོ་ཡ་ལ་་་་ ཇོ་ཤཀྱ་ཡིད་བཞིན་ནོར་བུ་ལ་།
ནོར་བུ་མིན་ནམ་གང་རེད་། ཨེ་་ གསུང་དང་ལས་མོ་སོ་།

རོལ་དབྱངས།

གསུང་དང་ལས་མོ་སོ་།
སྟག་ཤར་གཞོན་པའི་ལུས་ལ་། སོ་ཡ་ལ་་་་
ནོར་བུ་མི་འདུག་མ་ལ་གསུང་།
སོ་ཡ་ལ་་་་ ཞོན་པའི་རྟ་མཆོག་ཚེ་རིང་ལ་།
ནོར་བུ་མིན་ནམ་གང་རེད་། ཨེ་་ གསུང་དང་ལས་མོ་སོ་།

རོལ་དབྱངས།

གསུང་དང་ལས་མོ་སོ་།
སྨན་ཆུང་བུ་མོའི་ལུས་ལ་། སོ་ཡ་ལ་་་་
ནོར་བུ་མི་འདུག་མ་ལ་གསུང་།
སོ་ཡ་ལ་་་་ གཡུ་དང་བྱུ་རུ་མུ་ཏིག་།
ནོར་བུ་མིན་ནམ་གང་རེད་། ཨེ་་ གསུང་དང་ལས་མོ་སོ་།

རོལ་དབྱངས།

གསུང་དང་ལས་མོ་སོ་།
ལོ་ཆུང་བྱིས་པའི་དུས་ལ་། སོ་ཡ་ལ་་་་
ནོར་བུ་མི་འདུག་མ་ལ་གསུང་།
(སོ་ཡ་ལ་་་་ དྭངས་རྩེ་བློ་ལས་དཀར་བ་ལ་།
ནོར་བུ་མིན་ནམ་གང་རེད་། ཨེ་་ གསུང་དང་ལས་མོ་སོ་།)-༢