བྱ་རྒྱལ་བོད་ལ་ཕེབས་དང།
རྔོན་པརུ་ཁག་དང་ Louis Natale
བུ། བྱ་དེ་ཁྲུང་ཁྲུང་དཀར་མོ། ཤོག་རྩལ་ང་ལ་གཡར་དང་།
སེམས་ཀྱི་གཏིང་ནས་དྲན་པའི་གངས་ཅན་བོད་ལ་ལོག་འགྲོ།
བོུ། བྱ་དེ་ཁུ་བྱུག་སྔོན་མོ། གསུང་སྙན་ལན་གཅིག་བསྐྱོན་དང་།
བོད་ལ་བདེ་སྐྱིད་འཛོམས་པའི་གཏམ་བཟང་གསུང་རོགས་གནང་དང་།
བུ།/བོུ། སྐྱིད་པའི་གངས་ཅན་ཡུལ་ལ་། རྩྭ་ཆུ་ཤིང་སྣ་འཛོམ་པ།
(སྐལ་བཟང་ཕོ་བྲང་དམར་པོ་མཇལ་བས་སེམས་པ་དགའ་སོང་།)-༢
རོལ་དབྱངས།
བུ། བྱ་དེ་རང་ཡུལ་སླེབས་སོང་། བྱ་ཕྲུག་ཐང་ལ་ལུས་སོང་།
བུ།/བོུ། བྱ་དེ་རང་ཡུལ་སླེབས་སོང་། བྱ་ཕྲུག་ཐང་ལ་ལུས་སོང་།
བུ། བྱ་ཚང་མ་བུ་ལྷན་འཛོམས་།
བྱ་རྒྱལ་ཁྱེད་ཀྱིས་གནང་དང་།
བུ།/བོུ། བྱ་ཚང་མ་བུ་ལྷན་འཛོམས་།
བྱ་རྒྱལ་ཁྱེད་ཀྱིས་གནང་དང་།
རོལ་དབྱངས།
བུ། ཕ་ཡུལ་གངས་ཅན་ཡུལ་ལ་། རྒྱུ་ནོར་ཕུན་སུམ་ཚོགས་པ་།
ཆོས་ལྡན་གངས་ཅན་མི་རིགས་དགའ་བས་འཚོ་བ་བཟང་སོང་།
བོུ། དགའ་པའི་འཚོ་བ་འཛོམས་ཀྱང་། སེམས་པའི་བདེ་སྐྱིད་མི་འདུག་།
ཕྱི་ནང་བོད་སྐྱིད་འཛོམས་པའི་མཆོག་གསུམ་སྨོན་ལམ་ཞུས་ཡོད་།
བུ།/བོུ། ཕྱི་ནང་བོད་སྐྱིད་འཛོམས་པའི་མཆོག་གསུམ་སྨོན་ལམ་ཞུས་ཡོད་།
རོལ་དབྱངས།
བུ། བྱ་དེ་ཁྲུང་ཁྲུང་དཀར་མོ།
ཐག་རིང་ཡུལ་ལ་མ་བཞུགས།
བུ།/བོུ། བྱ་དེ་ཁྲུང་ཁྲུང་དཀར་མོ།
ཐག་རིང་ཡུལ་ལ་མ་བཞུགས།།
བུ། བསིལ་ལྡན་གངས་རིའི་ཡུལ་ལ། ཐུགས་རྗེས་གཟིགས་པ་མ་བྱུང་།
བུ།/བོུ། བསིལ་ལྡན་གངས་རིའི་ཡུལ་ལ། ཐུགས་རྗེས་གཟིགས་པ་གནང་དང།
བོད་ལ་འགྲོ། འོ་འོ་འོ།་་་་
བོད་ལ་འགྲོ། འོ་འོ་འོ།་་ བོད་ལ་འགྲོ།
(བོད་ལ་འགྲོ། བོད་ལ་འགྲོ། བོད་ལ་འགྲོ།)-༢