LYRICS OF DISCO BY KUNSANG CHOEKYI


DISCO BY KUNSANG CHOEKYI

དང་པོ་ DISCO འགྲོ་དུས་། མི་ཚོགས་ཟང་ཟིང་མང་པོ་།
བུ་ཆུང་ཁྱེད་རང་མཐོང་བའི་སྐབས་ལ་། སེམས་པ་དབང་མེད་ཁྱེད་ལ་ཤོར་སོང་།
ཕྲ་ཆུང་གློག་འོད་འདྲ་མིན་། བར་ནས་བུ་ཆུང་ཁྱེད་དང་།
ཞབས་བྲོ་ཁྲབ་རྒྱུ་བྱུང་ན་བསམ་བྱུང་། བསམས་པའི་བུ་མོ་ང་ཡི་རེ་བ་ཡིན་།
ངའི་མི་ཚེ་ནང་ལ་། ཁྱེད་རང་མཇལ་རྒྱུ་མིན་འདུག་།
ཁྱེད་ལ་དགའ་བའི་བུ་མོ་ང་། དྲན་ཤིང་བསམ་པ་སྨྱོ་འགྲོ་།
རོལ་དབྱངས་།

Sunday DISCO ནང་ལ་། ཁྱེད་རང་ཡོད་ན་བསམ་བྱུང་།
ཁྱེད་རང་དངོས་སུ་སླེབས་པའི་དུས་ལ་།
སེམས་པའི་ནང་ལ་དགའ་བ་ཁེངས་སོང་།
བུ་མོ་ང་ཡི་ལས་ལ་། ཁྱེད་རང་བྱུང་ན་བསམ་བྱུང་།
ཡིན་ནས་བསོད་ནམས་མེད་འི་རྐྱེན་གྱིས་།
ལས་ལ་ང་གཉིས་བཀོད་པ་མི་འདུག་།
ངའི་མི་ཚེ་ནང་ལ་། ཁྱེད་རང་མཇལ་རྒྱུ་མིན་འདུག་།
ཁྱེད་ལ་དགའ་བའི་བུ་མོ་ང་། དྲན་ཤིང་བསམ་པ་སྨྱོ་འགྲོ་།

རོལ་དབྱངས་།

དང་པོ་ DISCO འགྲོ་དུས་། མི་ཚོགས་ཟང་ཟིང་མང་པོ་།
བུ་ཆུང་ཁྱེད་རང་མཐོང་བའི་སྐབས་ལ་། སེམས་པ་དབང་མེད་ཁྱེད་ལ་ཤོར་སོང་།
ཕྲ་ཆུང་གློག་འོད་འདྲ་མིན་། བར་ནས་བུ་ཆུང་ཁྱེད་དང་།
ཞབས་བྲོ་ཁྲབ་རྒྱུ་བྱུང་ན་བསམ་བྱུང་། བསམས་པའི་བུ་མོ་ང་ཡི་རེ་བ་ཡིན་།

རོལ་དབྱངས་།
SUNDAY DISCO ནང་ལ་། ཁྱེད་རང་ཡོད་ན་བསམ་བྱུང་།
ཁྱེད་རང་དངོས་སུ་སླེབས་པའི་དུས་ལ་།
སེམས་པའི་ནང་ལ་དགའ་བ་ཁེངས་སོང་།
བུ་མོ་ང་ཡི་ལས་ལ་། ཁྱེད་རང་བྱུང་ན་བསམ་བྱུང་།
ཡིན་ནས་བསོད་ནམས་མེད་འི་རྐྱེན་གྱིས་།
ལས་ལ་ང་གཉིས་བཀོད་པ་མི་འདུག་།
(ངའི་མི་ཚེ་ནང་ལ་། ཁྱེད་རང་མཇལ་རྒྱུ་མིན་འདུག་།
ཁྱེད་ལ་དགའ་བའི་བུ་མོ་ང་། དྲན་ཤིང་བསམ་པ་སྨྱོ་འགྲོ་།)-༢