AMAE JAMKONG BY SONTSE

ཨ་མའི་བྱམས་སྐྱོང་
བུ་ཆུང་ང་ཡི་ཕ་ཡུལ།
ཁ་བའི་ལྗོངས་སུ།
ང་ཡི་བྱམས་བརྩེའི་ཨ་མ།
མཇལ་རྒྱུ་བྱུང་ན་དྲན།
འདས་ཟིན་པའི་ལོའི་ནང་ཁོང་གིས་ང་ལ་དྲིས།
ཨ་མའི་བུ་ཆུང་ག་དུས་ལོག་ཡོང་ཟེར།
ང་ཡི་བྱམས་བརྩེའི་ཨ་མ།
དབུ་སྐྲ་དཀར་པོར་ལ་གྱུར།

(ཡོད་ན་མེད་ན་བརྩེ་དུང་གི་སེམས་པ།
ཡོད་ན་མེད་ན་བརྩེ་དུང་གི་མིག་ཆུ།
ཨ་མ་ལགས་ཀྱི་བུམས་སྐྱོང་སྦྲང་རྩི་ལས་མངར་བ།
ཨ་མའི་བྱམས་སྐྱོང་སྦྲང་རྩི་ལས་མངར་བ།)-༢

རོལ་དབྱངས།
བུ་ཆུང་ང་ཡི་ཨ་མ་ལགས།
བྱམས་བརྩེ་ལྡན་པའི་མ།
ང་ཡིས་ཁྱེད་དང་མྱུར་མཇལ་ཡོང་བའི།
ཉིན་མཚན་སྨོན་ལམ་འདེབས།
འདས་ཟིན་པའི་ལོའི་ནང།
ཉིན་ཚན་ཀུན་ཏུ་ཁྱེད་རང་དྲན།
ང་ཡི་བྱམས་བརྩའི་ཨ་མ་ལགས།
དབུ་སྐྲ་དཀར་པོ་ལ་གྱུར།

(ཡོད་ན་མེད་ན་བརྩེ་དུང་གི་སེམས་པ།
ཡོད་ན་མེད་ན་བརྩེ་དུང་གི་མིག་ཆུ།
ཨ་མ་ལགས་ཀྱི་བུམས་སྐྱོང་སྦྲང་རྩི་ལས་མངར་བ།
ཨ་མའི་བྱམས་སྐྱོང་སྦྲང་རྩི་ལས་མངར་བ།)-༢
ཨ་མའི་བྱམས་སྐྱོང་སྦྲང་རྩི་ལས་མངར་བ།
ཨ་མའི་བྱམས་སྐྱོང་སྦྲང་རྩི་ལས་མངར་བ།