ཁོང་གི་མཛད་འཕྲིན་འོད་ཟེར།
(ཁོང་གི་མཛད་འཕྲིན་འོད་ཟེར།
འཛམ་གླིང་ཡོངས་ལ་ཁྱབ་སོང་།)-༢
ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་སྨོན་ལམ་ཞུ།
(ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག)-༢
-རོལ་ཆ།-
(གཞིས་བྱེས་བོད་མི་དབུ་ཁྲིད་ཁོང་ཡིན།
ནང་པའི་རྩ་བའི་བླ་མ་ཁོང་ཡིན།)-༢
ཕོ་བྲང་པོ་ཏཱ་ལ་རུ་༧སྐྱབས་མགོན་ཆེན་པོའི་འོད་ཟེར།
(ང་ཚོ་ཚང་མས་མྱུར་དུ་མཇལ་བ་ཤོག)-༢
ཁོང་གི་མཛད་འཕྲིན་འོད་ཟེར།
འཛམ་གླིང་ཡོངས་ལ་ཁྱབ་སོང་།
ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་སྨོན་ལམ་ཞུ།
(ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག)-༢
-རོལ་ཆ།-
(ཚེ་འདི་ཕྱ་གཉིས་ཀྱི་དབུ་ཁྲིད་ཁོང་ཡིན།
འཛམ་གླིང་གུས་བརྩེ་བླ་མ་ཁོང་ཡིན།)-༢
རང་གི་ཡུལ་ལ་༧སྐྱབས་མགོན་ཆེན་པོའི་སྨོན་ལམ་དབང་ཆེན་ཐོབ་པའི།
(བོད་མི་ཡོང་གི་སྨོན་འདུན་འགྲུབ་པར་ཤོག)-༢
(ཁོང་གི་མཛད་འཕྲིན་འོད་ཟེར།
འཛམ་གླིང་ཡོངས་ལ་ཁྱབ་སོང་།)-༢
ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱི་སྨོན་ལམ་ཞུ།
(ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག)-༢